Windows ནང་བོད་ཡིག་སྒྲིག་འཇུག་བྱེད་སྟངས་ཀྱི་སྐོར།

 བཀྲ་ཤིས་ཚེ་རིང་གིས།

ཨོའུ་རོན་  Windows བཀོད་སྤྱོད་རྒྱུད་ཁོངས་གསར་པ་དེ་ནང་ཕྱོགས་ཡོངས་ནས་བོད་ཡིག་ལ་རྒྱབ་སྐྱོར་གནང་ཡོད།   Windows ོན་རྫས་གང་འདྲ་ཞིག དཔེ་ན། སྐད་ཡིག་དཔར་གཞི་ཡིན་ན་འདྲ་ཚང་མའི་ནང་བོད་ཡིག་ལ་རྒྱབ་སྐྱོར་གནང་ཡོད།    དེས་འཛམ་བུ་གླིང་གི་ཁུག་ཀྱོག་གང་འདྲ་ཞིག་གི་རྩིག་འཁོར་ནང་Windows སྒྲིག་འཇུག་བྱེད་ཡོད་ན། བོད་ཡིག་ནང་འཇུག་དང་སྒྲིག་གཅོད་བྱེད་ཐུབ་ཀྱི་མཚོན་གྱི་ཡོད།

ཁྱེད་རང་གི་རྩིག་འཁོར་ནང་བོད་ཡིག་སྒྲིག་གཅོད་བྱེད་འདོད་ཡོད་ན།  གཤམ་གསལ་ལས་སླ་བའི་གོམ་རིམ་ཁ་ཤས་ལེགས་འགྲུབ་བྱེད་དགོས།

ཁྱེད་རང་གི་རྩིག་འཁོར་ནང་བོད་ཡིག་སྒྲིག་གཅོད་བྱེད་དུས།  བོད་ཡིག་སྒྲིག་གཅོད་འདེམས་ནས། གཤམ་གསལ་གྱི་གོམ་རིམ་དེ་ཚོ་ལེགས་འགྲུབ་དགོས།

༡  "ཚོད་འཛིན་ངོས་ལེབ་ "ནང་ཕྱིན།

༢  "སྐད་ཡིག་དང་ཁུལ་ཁོངས་ "འདེམས་བྱང་དེར་གཅིག་གནོན།

༣  "སྐད་ཡིག་ "འདེམས་ནས་རྗེས་ཡང་ "ཆ་འཕྲིན་ཞིབ་ཕྲ་ "དེ་འདེམས་དགོས།

༤  "ཁ་སྣོན་ "ཟེར་བའི་དེ་གཅིག་རྡེབ་ནས་ "ནང་འཇུག་སྐད་ཡིག་ "དེ་མར་འཐེན་འདེམས་བྱང་ནང་"བོད་ཡིག་"འདེམས་དགོས།

༥ དེ་ནས "མཐེབ་གཞོང་བཀོད་སྒྲིག་ "དེ་མར་འཐེན་འདེམས་བྱང་ནང་"ཨོའུ་རོན་བོད་ཡིག་མཐེབ་གཞོང་བཀོད་སྒྲིག"འདེམས་དགོས།

༦   "ཆོག་ " ཟེར་བའི་འདེམས་ནས་གླེང་སྒྲོམ་ཚང་མ་ཁ་རྒྱག 

༧  Windows ཅོག་ངོས་སྒང་གི་ལས་འགན་ཚན་བྱང་ནང་གི་སྐད་ཡིག་ཚན་བྱང་དེའི་ཐོག་"BO Tibetan(PRC) "རྟགས་ཡོད་པའི་བོད་ཡིག་མཐེབ་གཞོང་དེ་མཐོང་གི་རེད།

དེ་རྗེས།  ཁྱེད་རང་གི་རྩིག་འཁོར་ནང་དུ་བོད་ཡིག་རྒྱག་ཆོག་གི་རེད།

 

 

Copyright  ©  2020  yalasoo!   All rights reserved.






གཡས་ཀྱི་ཡིག་གཟུགས་དེ་ཚོ་Windows ནས་ལྟ་དགོས།


 

 

Tsumachu 
Betsu 
Uchen Sutung 
Drutsa 
Uchen Sarchen 
Uchen Sarchung 
Chuyig 
Uchen Suring 
Tsutong 
Dunhuang 
Edict 
Title 
Subtitle 
Art 
Woodblock 
Horyig 
Tsuring