Windows Vista ནང་ལ་ Microsoft བོད་ཡིག་མཐེབ་གཞོང་གིས་བོད་ཡིག་རྒྱག་སྟངས་སྐོར།

རྩོམ་པ་པོ་བཀྲ་ཤིས་ཚེ་རིང་།

༢༠༠༧ལོའི་ཟླ་བ ༥ པའི་ཚེས༡༥ཉིན།

གནད་བསྡུས།
རྩོམ་ཡིག་འདིའི་ནང་ལ Windows Vista ནང་གི་བོད་ཡིག་གི་མཐེབ་གཞོང་དང་Windows Vista ནང་བོད་ཡིག་རྒྱག་སྟངས་བཅས་སྐོར་ལ་ངོ་སྤྲོད་བྱེད་ཡོད།   རྩོམ་ཡིག་དེའི་རྩོམ་པ་པོ་ནི་མཐེབ་གཞོང་དེ་ཇུས་འགོད་གནང་མཁན་རེད།

ནང་དོན་གནད་བསྡུས།
  རགས་བཤད།
  ཀྲུང་གོའི་རྒྱལ་ཁབ་ཚད་ལྡན་གྱི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་སྐོར།
  ཨོའུ་རོན་Windows Vista བོད་ཡིག་མཐེབ་གཞོང་གི་སྐོར།
  གང་འདྲ་བྱས་ནས་ཨོའུ་རོན་བོད་ཡིག་མཐེབ་གཞོང་Windows Vista ནང་བོད་ཡིག་རྒྱག་སྟངས་སྐོར།
  ཨོའུ་རོན་བོད་ཡིག་མཐེབ་གཞོང་གི་རི་མོའི་ཡིག་ཆ་ཕབ་ལེན་སྐོར།
  བེད་སྤྱོད་བྱེད་མཁན་གྱིས་རང་འདོད་ཀྱི་ཨོའུ་རོན་མཐེབ་གཞོང་གི་བཀོད་སྒྲིག་བསྐྱར་སྒྲིག་བྱེད་ཐུབ་པའི་ཡག་ལག་ཆས་MSKLC གི་སྐོར།
  དཔྱད་གཞི་ཡིག་ཆ།

རགས་བཤད།
ཨོའུ་རོན་Windows Vista ནང་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་བོད་ཡིག་དང་སོག་ཡིག ཝུའུ་ཡིག དབྱི་ཡིག་བཅས་བཞི་ལ་རོགས་སྐྱོར་གནང་ཡོད།  Windows Vista ནང་གི་བོད་ཡིག་མཐེབ་གཞོང་ནི་ཀྲུང་གོའི་རྒྱལ་ཁབ་ཚད་ལྡན་ལ་བརྟེན་ནས་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་ཇུས་འགོད་བྱས་པ་ཞིག་རེད། མཐེབ་གཞོང་དེའི་བཀོད་སྒྲིག་བྱེད་ཚུལ་ནི་རྒྱལ་ཁབ་གི་ཚད་ལྡན་དང་གཅིག་པོ་ཡིན་པ།
བོད་ཡིག་མཐེབ་གཞོང་བཀོད་སྒྲིག་གི་རྒྱལ་ཁབ་ཚད་ལྡན་དེའི་ནང་མཐེབ་ངོས་ལྔ་ཡོད།  ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནི་མཐེབ་ངོས་ལྔ་དེ་གཤམ་གསལ་གི་མཐེབ་གཞོང་དེ་དག་ཐོག་བགོས་ཡོད།  རྒྱུན་གཏན་གྱི་མཐེབ་གཞོང་དང་།  SHIFTདང་མཉམ་རྒྱག་བྱེད་པའི་མཐེབ་གཞོང་།  ALT+CTRL+SHIFTདང་མཉམ་རྒྱག་བྱེད་པའི་མཐེབ་གཞོང་། ད་དུང m དང་ M གཉིས་ཀྱིས་སྐུལ་ལོང་བྱེད་པའི་མཐེབ་གཞོང་བཅས་ཁྱོན་སྡོམས་མཐེབ་གཞོང་ལྔ་ཡོད།
WindowsVista ནང་གི་བོད་ཡིག་མཐེབ་གཞོང་ནི་ IME གི་མཐེབ་གཞོང་ཞིག་མིན་པ།  
འདི་ནི "ཡིག་གཅིག་མཐེབ་གཅིག "རྨང་གཞི་ལ་གཞི་བཟུང་ནས་མཐེབ་གཞོང་ཇུས་འགོད་བྱེད་པ་རེད། ཨོའུ་རོན་བེད་སྤྱོད་བྱེད་མཁན་གྱི་རང་འདོད་ཀྱིས་མཐེབ་གཞོང་བཀོད་སྒྲིག་བསྐྱར་སྒྲིག་བྱེད་ཡག་གི་MSKLCལག་ཆས་རྒྱུད་ནས་ཇུས་འགོད་བྱེད་ཅིག་རེད། བེད་སྤྱོད་མཁན་གྱིས་ལས་སླ་པོ་ཐོག་ནས་ལག་ཆ་དེ་བདེ་སྤྱོད་བྱེད་ནས་རང་ཉིད་དགའ་བའི་མཐེབ་གཞོང་བཀོད་སྒྲིག་བཟོ་ནས་བེད་སྤྱོད་བྱེད་ཆོག་པ།

ཀྲུང་གོའི་རྒྱལ་ཁབ་ཚད་ལྡན་གྱི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་གི་སྐོར།
༢༠༠༥ལོར་བོད་ལྗོངས་སློབ་གྲྭ་ཆེན་མོས་འགོ་ཁྲིད་ནས་་རྒྱལ་ཡོངས་ཀྱི་ཆ་འཕྲིན་ལག་རྩལ་མཁས་པ་ཞིབ་འཇུག་ཚོ་ཆུང་གྲུབ་པ།
དེ་ནི་ཆ་འཕྲིན་ཐོན་ལས་པུའུ་གི་རྒྱལ་ཡོངས་གློག་རྡུལ་ལག་རྩལ་ཚད་ལྡན་གྱི་ཞིབ་འཇུག་ཁང་གིས་དོ་དམ་འོག ལོ་གཅིག་ལྷག་ཙམ་གྱི་འབད་རྩོན་དང་
ཞིབ་འཇུག་བྱེད་རྗེས་ཀྲུང་གོའི་རྒྱལ་ཁབ་ཚད་ལྡན་གྱི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་དེ་གཏན་འཁེལ་བྱས་པ་རེད། རྒྱལ་ཁབ་ཚད་ལྡན་གྱི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་དེའི་ནང་ཁྱོན་བསྡོམས་མཐེབ་གཞོང་ལྔ་ཡོད། དེ་ཐོག་Unicode གི་བོད་ཡིག་ཡིག་འབྲུ་བརྒྱ་དང་དགུ་བཅུ་གོ་གསུམ་ཚང་མ་བཞག་ཡོད་པ། མཐེབ་གཞོང་བཀོད་སྒྲིག་ཇུས་འགོད་བྱེད་དུས་སྔོན་རྒྱལ་ནང་ལ་ཡོད་པའི་མཐེབ་གཞོང་ཁག་ཤས་དཔེ་ན། པེ་ཏག་ཧྥང་ཀྲེང་། ཧོའོ་ཀོང་བོད་ཡིག་མཐེབ་གཞོང་དང་། ད་དུང་ཕྱི་རྒྱལ་ལ་ཁྱབ་ཆེ་བའི་Wylie བོད་ཡིག་མཐེབ་གཞོང་དང་། མཐེབ་བཀྱག་ཐོག་བོད་ཡིག་ཡིག་རྟགས་བགོས་དུས་ཡིག་རྟགས་ཀྱི་བྱུང་ཚད་ཨ་གྲངས་ལ་སོགས་པའི་རྒྱུ་རྐྱེན་མང་པོ་ལ་བསམ་གཞིགས་བྱས་ཡོད།

རྒྱལ་ཁབ་ཚད་ལྡན་གྱི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་གི་ཇུས་འགོད་རྩ་དོན་ནི།

    1. རྒྱུན་སྤྱོད་ཀྱི་བོད་ཡིག་ཡིག་རྟགས་ཚང་མ་མཐེབ་གཞོང་དང་པོ་སྒང་བགོས་ཡོད།  ཡིག་རྟགས་གཞན་རྣམས་མཐེབ་གཞོང་གཞན་པའི་སྒང་ལ་བགོས་ཡོད།
    2. བོད་ཡིག་གསལ་བྱེད་གང་ཞིག་དང་དེའི་གཟུགས་འགྱུར་བ་ཚང་མ་ནི་མཐེབ་ངོས་མ་འདྲ་ཐོག་གི་མཐེབ་བཀྱག་གཅིག་སྒང་ལ་བགོས་ཡོད།  དེ་ནི་བེད་སྤྱོད་བྱེད་མཁན་ཚོ་བོད་ཡིག་ཡིག་རྟགས་གི་མཐེབ་གནས་དེ་ཚོ་ངེས་བདེ་བའི་ཆེད་དུ་ཡིན། 
    3. མཐེབ་ངོས་གཅིག་གི་ཐོག་ལ་བོད་ཡིག་ཡིག་འབྲུ་བགོས་དུས། གཙོ་ནི་བོད་ཡིག་གསལ་བྱེད་ཡི་གེ་Wyileདང་མཐེབ་བཀྱག་སྒང་གི་དབྱིན་ཇི་ཡི་གེ་བར་འབྲེལ་བ་བརྟེན་པ་རེད།
    4. སྔོན་དུ་ཡོད་པའི་མཐེབ་གཞོང་བཀོད་སྒྲིག་ལ་དཔྱད་བསྡུར་བྱེད་ཡོད་པ་རེད།

Unicode བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱི་ནང་བོད་ཡིག་ཡིག་རྟགས་༡༩༣ཡོད་པ། མཐེབ་ངོས་རེ་རེའི་སྒང་ལ་བོད་ཡིག་ཡིག་རྟགས་༤༧བགོས་ཆོག་པ། (མཐེབ་སྟོང་པ་དེ་ནང་དུ་མ་ཚུས་པ)དེ་བརྟེན་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་གི་རྒྱལ་ཁབ་ཚད་ལྡན་ནང་ཉུང་ཤོས་ལས་མཐེབ་ངོས་ལྔ་དགོས་ཡོད་པ། གཞི་ནས་བོད་ཡིག་ཡིག་རྟགས་ཚང་མ་བགོས་ཐུབ་པ།   རྒྱལ་ཁབ་ཀྱི་ཚད་ལྡན་ནང་བོད་ཡིག་མཐེབ་གཞོང་དང་པོ་དེར་"གཙོ་བོའི་མཐེབ་གཞོང་"ཟེར་བ། གཞན་རྣམས་བཞི་ལ་"རམ་འདེགས་མཐེབ་གཞོང་"ཟེར་བ།  གོང་དུ་བཤད་པ་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་གི་རྒྱལ་ཁབ་ཚན་ལྡན་གྱི་ཇུས་འགོད་ཚད་གཞི་ལ་རྟེན་ནས་།   རྒྱལ་ཁབ་ཚན་ལྡན་གྱི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་གི་ཞིབ་ཕྲ་ནང་དོན་གཤམ་གསལ་ལྟར།

བོད་ཡིག་གི་མཐེབ་གཞོང་དང་པོའི་(གཙོ་བའི་མཐེབ་གཞོང་)སྒང་གཤམ་གསལ་གྱི་བོད་ཡིག་ཡིག་རྟགས་བགོས་ཡོད།

    1. བོད་ཡིག་གསལ་བྱེད་སུམ་ཅུ།
    2. དབྱངས་བཞི།
    3. ཚེག་རྟགས།
    4. ཤད་རྟགས
    5. བོད་ཡིག་གི་གྲངས་ཀ་བཅུའི་རྟགས།
    6. འབྲེལ་རྟགས་གཅིག

བོད་ཡིག་མཐེབ་གཞོང་གཉིས་པའི་ (རམ་འདེགས་མཐེབ་གཞོང )སྒང་གཤམ་གསལ་གྱི་བོད་ཡིག་ཡིག་རྟགས་བགོས་ཡོད།

    1. གསལ་བྱེད་སུམ་ཅུའི་འདོགས་ཅན་གྱི་ཡིག་རྟགས།  ཝ  ཡ  ར  ལ བཞི་གྱི་འདོགས་ཅན་ ྭ  ྱ དང ྲ   ླ  ཡི་བྱུང་ཚད་ནི་ཁོ་ཚོའི་འགྱུར་བ ྺ དང་ྻ   ྼ    ླ ལས་མཐོ་བས།  དེར་བརྟེན་ ྭ དང་ ྱ  ྲ  ླ མཐེབ་གཞུང་གཉིས་པའི་སྒང་ལ་བཀོད་སྒྲིག་བྱེད་ཡོད། སྒང་ལ་ཀླད་ཀོར་ཡོད་པའི་ྻ ྼ མཐེབ་གཞུང་གསུམ་པའི་སྒང་ལ་བཀོད་སྒྲིག་བྱེད་ཡོད།  ྺ ནི་མཐེབ་གཞུང་གཉིས་པའི་སྒང་ལ་བཞག་ས་ཡོད་པས།  དརེ་བརྟེན་མཐིེབ་གཞུང་གཉིས་པའི་སྒང་རང་ཅག་བཞག་ཡོད།
    2. གསལ་བྱེད་ཝ་ཡི་ འགྱུར་བ།  ྺ
    3. དབྱངས་རིང་བ་གསུམ། ཻ   ྀ   ཽ
    4. མགོ་རྟགས་བཞི།    ༄   ༅    ༑   ༈ 
    5. ཚེག་རྟགས་གཅིག            ༎
    6. བོད་ཡིག་ཡིག་རྟགས་གཞན་པ་བརྒྱད།  ཾ ྃ ༷ ༵ ཿ  ༔ ྄  ྅

བོད་ཡིག་མཐེབ་གཞོང་གསུམ་པའི་ (རམ་འདེགས་མཐེབ་གཞོང )སྒང་གཤམ་གསལ་གྱི་བོད་ཡིག་ཡིག་རྟགས་བགོས་ཡོད།

    1. གསལ་བྱེད་ ཡ  དང  ར  གཉིས་ཀྱི་སྡེབ་སྒྲིག་གི་རྣམ་པ་  ྻ  དང  ྼ
    2. བོད་ཡིག་དབྱངས་རིང་བ ྰ
    3. ལོག་པའི་ཡི་གེ་དྲུག ཊ  ཋ  ཌ  ཎ  ཥ  ཀྵ
    4. གྲངས་ཀའི་ཕྱེད་རྟགས་བཅུ་༪༫༬༭༮༯༰༱༲༳
    5. གནམ་དཔྱད་ལོ་ཐོའི་རྟགས་བཅུ་བཞི  ༕  ༖ ༗ ༘ ༙ ༚ ༛ ༜ ༝ ༞ ༟ ࿏    ༿ ༾
    6. ཡིག་མགོ་རྟགས་ལྔ་  ༁ ༂ ༃ ༆ ༇
    7. གཞན་པ་ཡིག་རྟགས་ལྔ་   ༴ ྇ ྆ ༸ ༹
    8. མཚན་རྟགས་བཞི་ ༺  ༻ ༼     ༽

བོད་ཡིག་མཐེབ་གཞོང་བཞི་པའི་ (རམ་འདེགས་མཐེབ་གཞོང )སྒང་གཤམ་གསལ་གྱི་བོད་ཡིག་ཡིག་རྟགས་བགོས་ཡོད།

    1. སཾསྐྲྀཏ་དབྱངས་བདུན་  ྰི ྰྀ ྰུ ྲྀ ྲཱྀ ལྀ ལཱྀ
    2. སཾསྐྲྀཏ་ཡིག་རྟགས་བཞི་   ྊ ྋ  ྉ   ྈ
    3. སཾསྐྲྀཏ་གསལ་བྱེད་བཞི   གྷ  དྷ  ཛྷ  བྷ
    4. སཾསྐྲྀཏ་སྡེབ་སྒྲིག་བྱེད་པའིི་གསལ་བྱེད་དྲུག་   ྚ ྛ ྜ ྞ ྵ ྐྵ
    5. ཡིག་རྟགས་དང་མཚན་རྟགས་བཅུ་གཅིག  ༉ ༊ ༏ ༐ ༒ ༓ ༔ ྂ  ྾ ྿ ༶
    6. མགོ་ཅན་ར་གི་ཆ་ཚང་རྣམ་པ་    ར
    7. ཡིག་འབྲུ་     ཨོཾ
    8. སྒྲ་དབྱངས་ཀྱི་རྟགས་བཞི་   ࿀  ࿁  ࿂  ࿃
    9. མཚན་རྟགས་དགུ་   ࿄  ࿅  ࿆  ࿇  ࿈  ࿉  ࿊  ࿊  ࿋

བོད་ཡིག་མཐེབ་གཞོང་ལྔ་པའི་ (རམ་འདེགས་མཐེབ་གཞོང )སྒང་གཤམ་གསལ་གྱི་བོད་ཡིག་ཡིག་རྟགས་བཞག་ཡོད།

    1. སཾསྐྲྀཏ་སྡེབ་སྒྲིག་བྱེད་པའིི་གསལ་བྱེད་ལྔ་  ྒྷ ྜྷ ྡྷ ྦྷ ྫྷ
    2. སཾ་སྐྲྀཏ་གསལ་བྱེད་   ཌྷ

རྒྱལ་ཁབ་ཚད་ལྡན་གྱི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་གི་ཇུས་འགོད་རྩ་དོན་གལ་ཆེ་ཁ་ཤས།

    1. བོད་ཡིག་ཡིག་རྟགས་ཀྱི་བྱུང་ཚད་ཨ གྲངས་ལ་གཞི་བཟུང་ནས། རྒྱུན་སྤྱོད་བའི་ཡིག་རྟགས་ཚང་མ་ནི་མཐེབ་གཞོང་དང་པོ་སྒང་བགོས་ཡོད། དེ་དག་ནང་བོད་ཡིག་མཚམས་རྟགས་ཚེག  དབྱངས་བཞི། གསལ་བྱེད་སུམ་ཅུ། ཤད་རྟགས་དང་བོད་ཡིག་གྲངས་ཀ་བཅུ།  དེ་གཞན་ཡིག་རྟགས་བྱུང་ཚད་ཨ་གྲངས་ཅུང་ཉུང་བ་རྣམས་རམ་འདེབས་མཐེབ་གཞོང་བཞི་སྒང་བཞག་ཡོད། འོན་ཀྱང་ཡིག་རྟགས་ཁ་ཤས་དཔེ་ན་ ྒ  དང་  ྱ  དེ་ཚོའི་ཟློས་ཚད་ནི་མཐེབ་གཞོང་དང་པོ་སྒང་གི་བགོས་པའི་གསལ་བྱེད་ཝ་དང་ཧ་གཉིས་ཀྱི་ཟློས་ཚད་ལས་མཐོ་བ་ཡོད་ཀྱང་། ཡིན་ན་ཡང་དེ་ཚོ་ནི་ཞོར་འདེགས་མཐེབ་གཞོང་སྒང་བཞག་ཡོད།   རྒྱུ་རྐྱེན་ག་རེ་རེད་ཟེར་ནི་
    2. གོང་གསལ་མཐེབ་གཞོང་གི་བཀོད་སྒྲིག་ཇུས་འགོད་རྩ་དོན་ལ་གཞིར་བཟུང་ནས།  གསལ་བྱེད་ཡི་གེ་དང་དེ་ཚོའི་འགྱུར་བ་ཁག་ཚང་མ་མཐེབ་གཞོང་མ་འདྲ་བའི་མཐེབ་གནས་གཅིག་སྒང་བཞག་ཡོད། དཔེ་ན་གསལ་བྱེད་ན་དང་དེའི་འགྱུར་བ་གསུམ་  ྣ  དང་ཎ   ྞ  ཚང་མ་མཐེབ་གཞོང་གཙོ་བ་དང་ཞོར་འདེགས་མཐེབ་གཞོང་གི་མཐེབ་བཀྱག་N སྒང་ལ་བཞག་ཡོད།
    3. མཐེབ་གཞོང་གཅིག་གི་སྒང་ནི།  Wylie འགྱུར་འབྲིས་ལམ་སྲོལ་ལ་གཞི་བཟུང་ནས་གསལ་བྱེད་ཡི་གེ་མང་ཆེ་བ་དང་དབྱངས་ཡིག་ནི་དེ་ཚོའི་Wylieའགྱུར་འབྲིས་ཡི་གེ་དང་གཅིག་མཐུན་པའི་མཐེབ་བཀྱག་སྒང་བཞག་ཡོད། དཔེ་ན། བོད་ཡིག་གསལ་བྱེད་ས་ནི་མཐེབ་གཞོངsསྒང་ལ་བགོས་ཡོད།  དབྱངས་ ི ུ ེ ོ ནི་མཐེབ་བཀྱག i  དང་ u, e, o སྒང་བཞག་ཡོད།  བོད་ཡིག་ཡིག་རྟགས་ཀྱི་Wylie འགྱུར་འབྲིས་གི་ཡིག་འབྲུ་ནི་གཅིག་ལས་མང་བ་ཡོད་པའི་དེ་ཚོ་ནི་ཟློས་ཚད་ལས་རྟེན་ནས་མཐེབ་གནས་བགོས་ཡོད།
    4. གཙོའོ་མཐེབ་གཞོང་མིན་པའི་ད་དུང་ཞོར་འདེགས་མཐེབ་གཞོང་བཞི་ཡོད་པ།  མཐེབ་གཞོང་ལྔ་དེ་དག་ནང་གཙོའོ་མཐེབ་གཞོང་གི་དམིགས་བསལ་སྔོན་ཐོན་དེ་ནི་ཞོར་འདེགས་མཐེབ་གཞོང་ལས་མཐོ་བ་མཚོན་ཡོད།  ཞོར་འདེགས་མཐེབ་གཞོང་བཞིའི་དམིགས་གསལ་སྔོན་ཐོན་རིམ་པ་ནི་ཚན་ལྡན་དེའི་ནང་གཏན་འབེབས་གསལ་པོ་བྱེད་མེད་པས། སྤྱོད་པ་པོས་སོ་སོས་ཐབས་གཅོད་ཆོག་པ། ཡིན་ན་ཡང་སྤྱི་བཏང་རྒྱལ་ཁའི་ཚན་ལྡན་ནང་ཞོར་འདེགས་མཐེབ་གཞོང་བཞིའི་དམིགས་བསལ་སྔོན་ཐོན་རིམ་པ་ནི་རྒྱལ་ཁའི་ཚན་ལྡན་ནང་གི་རིམ་པ་སྒྲིག་སྟངས་དང་གཅིག་པ་ཡིན་པ།
    5. བོད་ཡིག་ནང་།  གསལ་བྱེད་ཡི་གེ་ཁ་ཤས་ནི་གསལ་བྱེད་ཡི་གེ་གཞན་དག་གི་སྡེབ་སྒྲིག་སྡེ་ཚན་ཡིན་པ།  དེ་ཚོ་ཡིག་འབྲུ་ཟེར་ཆོག་པ་ལས་གསལ་བྱེད་ཟེར་གྱི་མེད་པ།  དེ་ཚོ་ནི་བོད་ཡིག་རྟགས་ཕྲེང་དང་གཅིག་པ་ཡིན་པ།  ཡིག་རྟགས་ཕྲེང་རྒྱུད་དེ་དག་ཁ་བྲལ་ནས་ནང་འཇུག་བྱེད་ཆོག་གི་ཡོད་པ།  དཔེ་ན་བོད་ཡིག་གསལ་བྱེད གྷ ཡིག་རྟགས་ཕྲེང་རྒྱུད་ ཡིས་ནང་འཇུག་བྱེད་ཆོག་གི་རེད། ཡིན་ན་ཡང་གལ་སྲིད་སྤྱོད་པ་པོས་ཨུ་ཚུབས་ཀྱིས་དེ་དག་ཁེར་རྐྱང་ནང་འཇུག་བྱེད་པ་ན་ཡང་གནས་དོན་ཆེ་པོ་མེད་པ།  གང་ཡིན་ཟེར་ན་རྒྱལ་ཁའི་ཚན་ལྡན་ནང་ཡིག་འབྲུ་དེ་དག་ལ་མཐེབ་གནས་བགོས་ཡོད་པ་རེད།
    6. བོད་ཡིག་མཐེབ་གཞོང་གི་རྒྱལ་ཁབ་ཚད་ནང་ཐོག་མཐེབ་གཞོང་བཀོད་ཇུས་རྩིས་འཁོར་ནང་བེད་སྤྱོད་བྱེད་སྟངས་ཐོག་གཏན་འཁེར་གང་ཡང་བྱེད་མེད་པར། མཐེབ་གཞོང་བཀོད་ཇུས་མ་གཏོགས་བེད་སྤྱོད་བྱེད་སྟངས་ཐོག་བཀོག་སྡོམ་གང་ཡང་བྱེད་མེད། སྤྱོད་པ་པོས་གང་འདོད་ཀྱི་མཐེབ་གཞོང་དེ་འདོན་སྤེལ་དང་བེད་སྤྱོད་བྱེད་ཆོག་པ། ཡིན་ན་ཡང་ཚད་དམའ་ཤོས་ཞིག་ནི་མཐེབ་གཞོང་རེ་རེ་སྒང་ཡིག་རྟགས་གི་བཀོད་ཇུས་ནི་ངེས་པར་དུ་རྒྱལ་ཁབ་ཚད་ལྡན་དང་མཐུན་ཐུབ་པ་དགོས།

Windows Vista ནང་གི་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་གི་སྐོར།

ཀྲུང་གོའི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་གི་ཚན་ལྡན་ལ་གཞིར་འཛིན་ནས།  ཨོའུ་རོན་གྱིསWindows Vista བཀོལ་སྤྱོད་རྒྱུན་ཁོངས་ནང་བོད་ཡིག་མཐེབ་གཞོང་ཞིག་ཇུས་འགོད་བྱས་ཡོད། དེ་ནི་རྒྱལ་ཁབ་ཀྱི་ཚད་ལྡན་དང་མཚུངས་པ། ཨོའུ་རོན་བོད་ཡིག་མཐེབ་གཞོང་ནང་མཐེབ་ངོས་ལྔ་ཡོད་པ། རྒྱུན་གཏན་གྱི་མཐེབ་གཞོང་སྒང་ལ་རྒྱལ་ཁབ་ཀྱི་ཚད་ལྡན་ནང་གི་མཐེབ་གཞོང་དང་པོ་དེ་བཞག་ཡོད་པ། དེ་མིན་མཐེབ་གཞོང་བཞི་དེ་ཚོ་སྒང་ལ་རྒྱལ་ཁབ་ཀྱི་ཚན་ལྡན་ནང་གི་ཞོར་འདེགས་མཐེབ་གཞོང་བཞི་དེ་ཚོ་བགོས་ཡོད། དེ་ཚོ་ནི་མཐེབ་བཀྱག་Shift དང་ Alt+Ctrl+Shift(མཐེབ་གསུམ་དེ་དག་མཉམ་སྣོན་བྱས་) ཤི་མཐེབ་ཟེར་པའི་ m(ཡིག་ཆུང་ )དང་ M(ཡིག་ཆེན་)བཅས་རྒྱུན་གཏན་གི་མཐེབ་གཞོང་དང་མཉམ་སྦྲེལ་བྱེད་ནས་ཐོབ་པ་རེད། ང་ཚོས་མཐེབ་གཞོང་དེ་ཚོར་"Shift མཐེབ་གཞོང"དང "Alt+Ctrl+Shift མཐེབ་གཞོང"  " m མཐེབ་གཞོང"  "M མཐེབ་གཞོང"ཟེར་བ།  དེ་བརྟེན་Windows Vista བོད་ཡིག་མཐེབ་གཞོང་ནང་གི་"Shiftམཐེབ་གཞོང"དང "Alt+Ctrl+Shift མཐེབ་གཞོང""m་མཐེབ་གཞོང " "Mམཐེབ་གཞོང "སྒང་ལ་བོད་ཡིག་མཐེབ་གཞོང་གི་ཚན་ལྡན་ནང་གི་ཞོར་འདེགས་མཐེབ་གཞོང་བཞི་དེ་ཚོ་སྒང་བགོས་ཡོད།    ཨོའུ་རོན་བོད་ཡིག་མཐེབ་གཞོང་གི་བཀོད་སྒྲིག་རི་མོ་དེ་ཚོ་གཤམ་གསལ་བསྟན་ཡོད།

༡   རྒྱུན་གཏན་མཐེབ་གཞོང་།  དེ་ནི་བོད་ཡིག་མཐེབ་གཞོང་གི་ཚན་ལྡན་ནང་གི་མཐེབ་གཞོང་དང་པོ་དང་མཚུངས་པའི།

༢      m མཐེབ་གཞོང་།  དེ་ནི་བོད་ཡིག་མཐེབ་གཞོང་གི་ཚན་ལྡན་ནང་གི་མཐེབ་གཞོང་གཉིས་པ་དང་མཚུངས་པ།

༣    shift མཐེབ་གཞོང་།  དེ་ནི་བོད་ཡིག་མཐེབ་གཞོང་གི་ཚན་ལྡན་ནང་གི་མཐེབ་གཞོང་གསུམ་པ་དང་མཚུངས་པ།

༤    Alt+Ctrl +Shift མཐེབ་གཞོང་།  དེ་ནི་བོད་ཡིག་མཐེབ་གཞོང་གི་ཚན་ལྡན་ནང་གི་མཐེབ་གཞོང་བཞི་པ་དང་མཚུངས་པ།

༥   M མཐེབ་གཞོང་།  དེ་ནི་བོད་ཡིག་མཐེབ་གཞོང་གི་ཚན་ལྡན་ནང་གི་མཐེབ་གཞོང་ལྔ་པ་དང་མཚུངས་པ།

ཨོའུ་རོན་བོད་ཡིག་མཐེབ་གཞོང་གི་ཇུས་འགོད་རྩ་དོན་སྐོར།

    1. རྒྱལ་སྤྱི་ཚད་ལྡན་ ISO10646 ནང་གི་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱི་ནང Link ཟེར་བའི་ཡིག་རྟགས་ཞིག་ཡོད།  བོད་ཡིག་མཐེབ་གཞོང་གི་རྒྱལ་ཁབ་ཚན་ལྡན་ནང་ཡིག་རྟགས་དེ་མཐེབ་བཀྱག་M སྒང་ལ་བཞག་ཡོད།  Unicode ནང་ཡིག་རྟགས་དེ་མེན་པ།  Unicode གི་བོད་ཡིག་ཡིག་རྟགས་གི་བོད་ཡིག་མཐེབ་གཞོང་ཇུས་འགོད་བྱེད་དུས་གལ་སྲིད་ཡིག་རྟགས་Link ཟེར་བ་དེ་བེད་སྤྱོད་མ་བྱེད་ན་མཐེབ་བཀྱག་Mདེ་འཕྲོ་བརླག་འགྲོ་བས།  དེ་བརྟེན་ཨོའུ་རོན་བོད་ཡིག་མཐེབ་གཞོང་ནང་མཐེབ་བཀྱག་དེའི་སྒང་གི་ཡི་གེ་mཆུང་བ་དང་M ཆེ་བ་གཉིས་"ཤི་མཐེབ་"ལ་བཞག་ནས་རྟོག་བཟོའི་མཐེབ་གཞོང་གཉིས་སྐུལ་སློང་བྱེད་ཆེད་དུ་བཞག་པ།
    2. བོད་ཡིག་མཐེབ་གཞོང་གི་རྒྱལ་ཁབ་ཚན་ལྡན་ནང་གི་མཐེབ་ངོས་གཉིས་པའི་སྒང་གི་བོད་ཡིག་ཡིག་རྟགས་དེ་ཚོ་ནང་འཇུག་བྱེད་དུས་"ཤི་མཐེབ་"m ཡིག་ཆུང་དེ་བེད་སྤྱོད་བྱེད་པ་ལས་མཐེབ་བཀྱག་Shift དེ་བེད་སྤྱོད་བྱེད་མེད།  གང་ཡིན་ཟེར་ན་mཡིག་ཆུ་དེ་མཐེབ་བཀྱག་Shift ལས་རྒྱག་མགྱོགས་བ་དང་བདེ་བ།   བོད་ཡིག་མཐེབ་གཞོང་གི་ཚན་ལྡན་ནང་གི་མཐེབ་ངོས་གཉིས་པའི་སྒང་གི་བོད་ཡིག་ཡིག་རྟགས་དེ་ཚོའི་བེད་སྤྱོད་ཟློད་ཚད་ནི་མཐེབ་ངོས་གསུམ་པའི་སྒང་གི་བོད་ཡིག་ཡིག་རྟགས་ལས་མཐོ་བ།  དེ་བརྟེན་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་རྒྱལ་ཁབ་ཚད་ལྡན་ནང་གི་མཐེབ་གཞོང་གཉིས་པ་ནི་mཡིག་ཆུང་མཐེབ་གཞོང་སྒང་བགོས་ཡོད་པ།  མཐེབ་གཞོང་གསུམ་པ་དེ་ནི་Shift མཐེབ་གཞོང་སྒང་བགོས་ཡོད།
    3. ཨོའུ་རོན་བོད་ཡིག་མཐེབ་གཞོང་གི་མཐེབ་ངོས་ལྔ་ནང་ལ་རྒྱུད་ལྡན་གྱི་བོད་ཡིག་ནང་འཇུག་བྱེད་དུས་ "རྒྱུན་གཏན་གྱི་མཐེབ་གཞོང" དང་"mཡིག་ཆུང་མཐེབ་གཞོང་"གཉིས་ལས་དགོས་མེད།  མཐེབ་གཞོང་གཞན་སྒང་གི་བོད་ཡིག་ཡིག་རྟགས་དེ་ཚོ་ནི་བེད་སྤྱོད་བྱེད་ཡག་ཧ་ཅང་ཉུང་ཉུང་ཡིན་པས།  དེ་བརྟེན་མཐེབ་ངོས་ལྔ་ལ་དེ་འདྲ་མང་པོ་བསམ་ནས་ཞེད་དགོས་མེད།  དེའི་ནང་གི་མཐེབ་གཞོང་གསུམ་ནི་དམིགས་གསལ་གྱི་དགོས་མཁོ་ཡོད་པའི་སྤྱོད་མཁན་ལ་གྲ་སྒྲིག་བྱེད་པ་ཡིན།  དེ་ཚོ་ནི་སཾསྐྲྀཏ་ཡི་གེ་དང་ཡིག་རྟགས་གཞན་ནང་འཇུག་བྱེད་དགོས་ཡོད་པའི་སྤྱོད་པ་པོ་ལ་དམིགས་གསལ་གྱིས་བཟོ་ཡིན་པས།  ང་ཚོ་སྤྱོད་མཁན་མང་ཆེ་བས་བེད་སྤྱོད་མང་ཤོས་ནི་མདུན་གྱི་རྒྱུན་ལྡན་མཐེབ་གཞོང་གཉིས་དེ་གཉིས་ཡིན།  དབྱིན་ཇི་སྤྱོད་མཁན་རྣམས་ཀྱིས་དབྱིན་ཇི་ཡི་གེ་ནང་འཇུག་བྱེད་དུས་སྤྱི་བཏང་གྱི་མཐེབ་གཞོང་དང་Shift མཐེབ་གཞོང་གཉིས་མ་གཏོགས་བེད་སྤྱོད་བྱེད་དགོས་མེད་པ་ནང་བཞིན་ང་ཚོ་བོད་ཡིག་སྤྱོད་པ་པོས་ལས་སླ་པོ་ཐོག་ནས་མཐེབ་ངོས་དེ་གཉིས་ངེས་ཐུབ་པ་དང་བེད་སྤྱོད་བྱེད་ཐུབ་པ།

Windows Vista ནང་གི་ཨོའུ་རོན་བོད་ཡིག་མཐེབ་གཞོང་བེད་སྤྱོད་བྱེད་སྟངས་ཀྱི་སྐོར།

སྔོན་ལ་ངེས་པར་དུ་Windows Vista ཚོད་འཛིན་ངོས་པང་(Control Panel) ནང་་བོད་ཡིག་མཐེབ་གཞོང་དེ་འདེམས་ནས་སྒྲིག་འཇུག་བྱེད་དགོས་པ།   གལ་སྲིད་ཁྱེད་རང་གིས་བོད་ཡིག་མཐེབ་གཞོང་སྒྲིག་འཇུག་བྱེད་ཚར་པ་ཡིན་ན་ཤར་རྒྱག་Windows Vista ཅོག་ངོས་སྒང་གི་ལས་འགན་ཚན་བྱང་ནང་གི་སྐད་ཡིག་ཚན་བྱང་རུ་ཕྱིན་ཆོག་པ།  དེའི་ཐོག་ཁྱེད་རང་གིས་མཐེབ་གཞོང་གཞན་དང་མཉམ་དུ་ཡོད་པའི་ "BO བོད་ཡིག (PRC)"རྟགས་ཡོད་པའི་བོད་ཡིག་མཐེབ་གཞོང་མཐོང་བ།  ཤར་རྒྱག་མཐེབ་གཞོང་དེ་འདེམས་ནསWindows Vista ནང་བོད་ཡིག་ནང་འཇུག་བྱེད་ཐུབ་པ།

མཐེབ་གཞོང་དང་པོ་བེད་སྤྱོད་ནས་མཐེབ་བཀྱག་གཞན་ཅི་ཡང་བེད་སྤྱོད་མེད་པ་ཐོག་ནས་ཁྱེད་རང་གིས་བོད་ཡིག་མཐེབ་གཞོང་ཚན་ལྡན་ནང་མཐེབ་གཞོང་དང་པོ་ཐོག་བགོས་པའི་བོད་ཡིག་ཡིག་རྟགས་༤༦ དེ་ནང་འཇུག་བྱེད་ཆོག་པ།  བོད་ཡིག་མཐེབ་གཞོང་ཚན་ལྡན་དེའི་ནང་གི་མཐེབ་གཞོང་དང་པོ་ཐོག་གི་བོད་ཡིག་ཡིག་རྟགས་༤༦ དེའི་བཀོད་སྒྲིག་དེ་ནི་སྔོན་དུ་གསལ་བཤད་ལྟར་མཐེབ་གཞོང་བཀོད་སྒྲིག་རི་མོ་ཨང་དང་པོ་ "རྒྱུན་གཏན་མཐེབ་གཞོང་ " སྟོན་པ་སྟར།

རྒྱུན་ལྡན་མཐེམ་གཞོང་སྒང་གི་ཤི་མཐེབ་m ཡིག་ཆུང་བེད་སྤྱོད་བྱེད་ན་བོད་ཡིག་མཐེབ་གཞོང་ཚན་ལྡན་ནང་གི་མཐེབ་གཞོང་གཉིས་པ་སྒང་གི་བོད་ཡིག་ཡིག་རྟགས་ཚང་མ་ནང་འཇུག་བྱེད་ཐུབ་པ།  མཐེབ་གཞོང་དེའི་ཐོག་བོད་ཡིག་ཡིག་རྟགས་ཀྱི་བཀོད་སྒྲིག་ཞིབ་ཕྲ་ནི་སྔོན་དུ་གསལ་བཤད་ལྟར་མཐེབ་གཞོང་བཀོད་སྒྲིག་རི་མོ་ཨང་གཉིས་པ་ "m མཐེབ་གཞོང་ " ལ་གཟིགས་ཆོག་པ།   m མཐེབ་གཞོང་ཐོག་གི་བོད་ཡིག་ཡིག་རྟགས་རེ་ནང་འཇུག་བྱེད་དུས་སྔོན་ལ་ངེས་པར་དུ་མཐེབ་བཀྱག་ m དེ་ཐེངས་རེ་རྒྱག་དགོས་པ།  དེ་རྗེས་ལམ་སེང་རྒྱག་དགོས་པའི་བོད་ཡིག་ཡིག་རྟགས་དེ་ཡར་རྒྱག་དགོས།

M མཐེབ་གཞོང་སྒང་གི་བོད་ཡིག་ཡིག་རྟགས་དྲུག་དེ་ཚོའི་རྒྱག་སྟངས་ཡང་ཆ་ཡིན་པ་དང་།  སྔོན་ལ་M ཡིག་ཆེན་དེ་ཐེངས་གཅིག་རྒྱག་ནས།  དེ་རྗེས་ལམ་སེང་རྒྱག་དགོས་པའི་བོད་ཡིག་ཡིག་རྟགས་དེ་ཡར་རྒྱག་དགོས།  མཐེབ་གཞོང་དེའི་ཐོག་བོད་ཡིག་ཡིག་རྟགས་ཀྱི་བཀོད་སྒྲིག་ཞིབ་ཕྲ་ནི་སྔོན་དུ་གསལ་བཤད་ལྟར་མཐེབ་གཞོང་བཀོད་སྒྲིག་རི་མོ་ཨང་ལྔ་པ་ "Mམཐེབ་གཞོང་ " ལ་གཟིགས་ཆོག་པ།

ཚད་ལྡན་གྱི་མཐེབ་གཞོང་སྒང་ནས་མཐེབ་བཀྱག་Shift བེད་སྤྱོད་བྱེད་ནས་བོད་ཡིག་མཐེབ་གཞོང་ཚད་ལྡན་ནང་གི་མཐེབ་གཞོང་གསུམ་པ་སྒང་གི་བོད་ཡིག་ཡིག་རྟགས་ནང་འཇུག་ལས་སླ་པོ་ཞིག་བྱེད་ཆོག་པ།  མཐེབ་གཞོང་དེའི་ཐོག་བོད་ཡིག་ཡིག་རྟགས་ཀྱི་བཀོད་སྒྲིག་ཞིབ་ཕྲ་ནི་སྔོན་དུ་གསལ་བཤད་ལྟར་མཐེབ་གཞོང་བཀོད་སྒྲིག་རི་མོ་ཨང་གསུམ་པ་ "Shift མཐེབ་གཞོང་ "ལ་གཟིགས་ཆོག་པ།

ཚད་ལྡན་མཐེབ་གཞོང་སྒང་ནས་མཐེབ་བཀྱག་སྡེབ་སྒྲིག་ "Altr+ctrl+Shift "བེད་སྤྱོད་བྱེད་ནས་སྤྱོད་པ་པོས་བོད་ཡིག་མཐེབ་གཞོང་ཚད་ལྡན་ནང་གི་མཐེབ་གཞོང་ཨང་བཞི་པའི་སྒང་གི་བོད་ཡིག་ཡིག་རྟགས་ཚང་མ་ནང་འཇུག་བྱེད་ཆོག་པ།  མཐེབ་གཞོང་དེའི་ཐོག་བོད་ཡིག་ཡིག་རྟགས་ཀྱི་བཀོད་སྒྲིག་ཞིབ་ཕྲ་ནི་སྔོན་དུ་གསལ་བཤད་ལྟར་མཐེབ་གཞོང་བཀོད་སྒྲིག་རི་མོ་ཨང་བཞི་པ་ "Altr+ctrl+Shift མཐེབ་གཞོང་ " ལ་གཟིགས་རོགས་གནང་།

ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་བེད་སྤྱོད་བྱེད་ནས་བོད་ཡིག་ཡི་གེ་ནང་འཇུག་བྱེད་པའི་གོང་རིམ་དེ་ནི་བོད་ཡིག་འབྲིས་སྟངས་ཀྱི་གོང་རིམ་དང་གཅིག་ཡིན་པར།   དཔེ་ན།

བོད་ཡིག་ཚེག་འབྲུ་མི་ནི་བོད་ཡིག་ཡིག་རྟགས་  དང་ ི དེ་གཉིས་ ནས་ གི་རིམ་པས་ནང་འཇུག་བྱེད་རྒྱུ་ཡིན་པ།   ཡང་དཔེ་ན།

བོད་ཡིག་ཡིག་འབྲུ་བསྒྲིགས་ནི་ཡིག་རྟགས་བདུན་དེ་ཚོ་བ ས ྒ ྲ ི ག ས གི་རིམ་པས་ནང་འཇུག་བྱེད་རྒྱུ་ཡིན་པ།

བོད་ཡིག་གི་འབྲི་སྟངས་ཀྱི་གོང་རིམ་དང་མ་མཐུན་པ་ཡིན་ན་བོད་ཡིག་ཡིག་འབྲུ་དང་ཡི་གེ་ཡང་དག་པོ་ནང་འཇུག་བྱེད་ཐུབ་ཀྱི་མ་རེད།  དཔེ་ན་བོད་ཡིག་ཡིག་རྟགས་མ དང་ ི དེ་གཉིས་ ནས་ མ་ གོང་རིམ་དེ་འདྲ་བྱེད་ནས་ནང་འཇུག་བྱེད་པ་ཡིན་ན་མི་དེ་ནང་འཇུག་བྱེད་མ་ཐུབ་པ།  དེ་དང་འདྲ་བའི་བ ས ྒ ྲ ི ག ས གི་གོང་རིམ་དང་མ་མཐུན་པ་རྒྱག་པ་ཡིན་ན་ཡང་དག་པོ་ངང་ནས་བོད་ཡིག་ཡིག་འབྲུ་བསྒྲིགས་ནང་འཇུག་བྱེདཐུབ་ཀྱི་མ་རེད།

ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "རྒྱུན་གཏན་མཐེབ་གཞོང་ "དང་ "m མཐེབ་གཞོང་ " གཉིས་ནི་རྐང་ཚུགས་ནས་བོད་ཡིག་ཡིག་རྟགས་དང་ཡིག་འབྲུ་ནང་འཇུག་བྱེད་ཡག་ལ་ཇུས་འགོད་བྱེད་པ་ཡིན།  སྤྱོད་པ་པོ་མང་ཆེ་བ་ལ་བཤད་ན་བོད་ཡིག་ནང་འཇུག་བྱེད་དུས་མཐེབ་གཞོང་དེ་གཉིས་ཀྱི་འདང་བ་དང་།  བོད་ཡིག་མཐེབ་གཞོང་དེ་གཉིས་ནི་དབྱིན་ཇི་མཐེབ་གཞོང་དང་འདྲ་བའི་ཚང་མ་ཡིག་རྟགས་གཅིག་ལ་མཐེབ་བཀྱག་གཅིག་ཡིན་པ།  ཁྱད་པར་ག་རེ་རེད་ཟེར་ན་དབྱིན་ཇི་མཐེབ་གཞོང་ནང་མཐེབ་བཀྱག་Shift ཡིས་ཡིག་ཆེན་ནང་འཇུག་བྱེད་པ་དང་།  ཡང་བོད་ཡིག་མཐེབ་གཞོང་ནང་ "ཤི་མཐེབ་ "m གི་བོད་ཡིག་གི་སྡེབ་སྒྲིག་ཡིག་རྟགས་དེ་ཚོ་ནང་འཇུག་བྱེད་པ།  དེ་བརྟེན་ངེས་པར་དུ་བློ་ལ་ངེས་དགོས་པ་ཞིག་ནི་བོད་ཡིག་མཐེབ་གཞོང་གིས་བོད་ཡིག་ཡི་གེའི་མགོ་ཅན་དང་མདོགས་ཅན་སྦྱོར་དུས་མཐེབ་བཀྱག་ m དེ་བེད་སྤྱོད་བྱེད་ནས་མདོགས་ཅན་གྱི་གསལ་བྱེད་ཡི་གེ་གང་ཞིག་འོག་ལ་སྦྱར་བ།   འོག་ལ་སྦྱར་བའི་གསལ་བྱེད་ཀྱི་ཡི་གེ་དེ་ཚོ་ལ་སྡེབ་སྒྲིག་ཡི་གེ་ཟེར་བ།  དཔེ་ན།  བོད་ཡིག་ཡི་འབྲུ་སྒྲ་ནང་   དང་ ལ་སྡེབ་སྒྲིག་བོད་ཡིག་ཡིག་རྟགས་ཟེར་བ།  དེ་ཚོ་ཚང་མ་ "ཤི་མཐེབ་ "m བེད་སྤྱོད་བྱེད་ནས་ m མཐེབ་གཞོང་གིས་ནང་འཇུག་བྱེད་དགོས་པ།

 Unicode བོད་ཡིག་ཡིག་རྟགས་ཚོགས་སྤྱི་ནང་གི་ཡིག་རྟགས་ U+0f39 ནི་བོད་ཡིག་ཡིག་རྟགས་དངོས་གནས་ཞིག་མིན།   ཡིན་ནའང་ཨོའུ་རོན་བོད་ཡིག་མཐེབ་གཞོང་སྒང་ཡང་དེ་ལ་མཐེབ་བཀྱག་ཞིག་བཞག་ཡོད།  དེའི་མཐེབ་གནས་ནི་ཤི་མཐེབ་ཡིག་ཆེན་ M ཡི་ "M མཐེབ་གཞོང་ " དེའི་སྒང་གི་Mཡིག་ཆེན་ཡིན་པ།  Mཡིག་ཆེན་དེ་ཐེངས་གཉིས་རྒྱག་དགོས།

ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནི་ད་ལྟའི་བར་དུ་བོད་ཡིག་མཐེབ་གཞོང་ཡོད་ཚད་ནང་གི་ཡག་ཤོས་དེ་རེད། དེས་Unicode རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱིའི་ནང་གི་བོད་ཡིག་དང་ཡིག་འབྲུ་ཆ་ཚང་ནང་འཇུག་བྱེད་ཐུབ་ཀྱི་རེད། སྤྱོད་མཁན་གྱིས་མཐེབ་གཞོང་དེ་ཨོའུ་རོན་གྱི་བོད་ཡིག་ཡིག་གཟུགས་ Microsoft Himalaya དང་མཉམ་དུ་བེད་སྤྱོད་ནས་བོད་ཡིག་ཡིག་འབྲུ་དང་བོད་ཡིག་ཡེ་གེ་གང་འདྲ་ཞིག་ཡིན་ཡང་ནང་འཇུག་བྱེད་ཐུབ་པ།  མཐེབ་གཞོང་དེ་བེད་སྤྱོད་ནས་བོད་ཡིག་ཡེ་གེ་རྒྱག་མ་ཐུབ་པ་ཡོད་མ་རེད།

ཨོའུ་རོན་མཐེབ་གཞོང་བཀོད་སྒྲིག་རི་མོ་ཕབ་ལེན་བྱེད་སྟངས་སྐོར།

ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ཁྱོན་སྡོམས་ནས་ལྔ་ཡོད། མཐེབ་གཞོང་ལྔ་ཐོག་བོད་ཡིག་ཡིག་རྟགས་ཚང་མའི་མཐེབ་གནས་བློ་ལ་ངེས་དགོས་པ་དེ་ནི་ཧ་ཅང་ལས་སླ་པོ་ཞིག་མིན་པས།  དེ་ཡང་ངེས་དགོས་མེད་པ།  སྤྱོད་པ་པོས་མཐེབ་གཞོང་ལྔའི་བཀོད་སྒྲིག་རི་མོ་དེ་ཚོ་པར་འདེབས་རྒྱག་ནས་ཟུར་བཞག་ནས་ལྟ་བཤེར་བྱེད་ན་འགྲིགས་པ།   མཐེབ་གཞོང་དང་པོ་དང་གཉིས་པ་དེ་གཉིས་ནི་རྒྱུན་སྤྱོད་ཀྱི་བོད་ཡིག་ཡིག་འབྲུ་ནང་འཇུག་བྱེད་ཡག་གི་མཐེབ་གཞོང་ཡིན་པ་དང་།  བེད་སྤྱོད་བྱེད་ནས་ཡུན་རིང་ཙམ་སོང་རྗེས་ལས་སླ་པོ་ངང་ནས་བོད་ཡིག་ཡིག་རྟགས་གི་མཐེབ་གནས་དེ་བློ་ལ་ངེས་ཐུབ་ཀྱི་རེད།   སྤྱོད་པ་པོའི་ལག་ནང་སྤྲོད་ཐུབ་པ་ཆེད་དུ།  ང་ཚོས་བོད་ཡིག་མཐེབ་གཞོང་གི་བཀོད་སྒྲིག་རི་མོ་ལྔའི་ཡིག་ཆ་དེ་དག་གཤམ་གསལ་གྱི་དྲ་བའི་སྦྲེལ་མཐུད་ནང་འཇོག་ཡོད་པས་སྤྱོད་མཁན་གྱིས་ཕབ་ལེན་གང་རུང་བྱེད་ཆོག་པ།   སྤྱོད་མཁན་ཚོས་ཡིག་ཆ་དེ་དག་རྣམས་ཕབ་ལེན་བྱེད་ནས་པར་འདེབས་རྒྱག་པ་དང་།  ཡང་མེད་ན་མཐེབ་གཞོང་བཀོད་སྒྲིག་གི་རི་མོ་དེ་ཚོ་ནང་གཅིག་བདམས་ནས་རང་ཉིད་ཀྱི་རྩིས་འཁོར་གྱི་ལྕོག་ངོས་རྒྱབ་ལྗོངས་ཐོག་ལ་འཇོག་ནས་ག་དུས་ཡིན་ནའང་ལྟ་བཤེར་བྱེད་ཆོག་པ།

འདིར་གནོན་ནས་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "རྒྱུན་གཏན་མཐེབ་གཞོང་ " གི་བཀོད་སྒྲིག་རི་མོ་ཕབ་ལེན་བྱེད་ཆོག་པ།

འདིར་གནོན་ནས་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "m མཐེབ་གཞོང་ " གི་བཀོད་སྒྲིག་རི་མོ་ཕབ་ལེན་བྱེད་ཆོག་པ།

འདིར་གནོན་ནས་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "Shift མཐེབ་གཞོང་ " གི་བཀོད་སྒྲིག་རི་མོ་ཕབ་ལེན་བྱེད།

འདིར་གནོན་ནས་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "Alt+Ctrl+Shift མཐེབ་གཞོང་ " གི་བཀོད་སྒྲིག་རི་མོ་ཕབ་ལེན་བྱེདཆོག་པ།

འདིར་གནོན་ནས་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "M མཐེབ་གཞོང་ " གི་བཀོད་སྒྲིག་རི་མོ་ཕབ་ལེན་བྱེད།

ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "རྒྱུན་གཏན་མཐེབ་གཞོང་ " གི་བཀོད་སྒྲིག་རི་མོ་Windows་ཡི་ལྕོག་ངོས་རྒྱབ་ལྗོངས་ཐོག་ལ་སྦྱར་ཆེད་བཤམས་གསལ་གྱི་བཀོལ་སྤྱོད་གོམ་རིམ་དེ་དག་བྱེད་དགོས་པ།

    1. གོང་གསལ་དྲ་བ་སྦྲེལ་མཐུད་ནས་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "རྒྱུན་གཏན་མཐེབ་གཞོང་ " ཟེར་བའི་དེའི་བཀོད་སྒྲིག་རི་མོའི་ཡིག་ཆ་ཕབ་ལེན་བྱེད་པ།
    2. རྩིས་འཁོར་གྱི་ལྕོག་ངོས་ཐོག་ཙི་གུའི་གཡས་མཐེབ་གཅིག་གནོན།
    3. "ངོ་བོ " ཟེར་བའི་སྡེ་ཚན་དེ་འདེམས།
    4. "མངོན་སྟོན་ངོ་བོ " གླེང་མོལ་སྒྲོམ་གྱི་ནང་ "ལྕོག་ངོས " དེ་འདེམས།
    5. "བཤར་ལྟ " ལ་གཅིག་རྡེབ་བྱེད།
    6. ཕབ་ལེན་བྱེད་ཚར་པའི་ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནང་གི་ "རྒྱུན་གཏན་མཐེབ་གཞོང་ " གི་བཀོད་སྒྲིག་རི་མོའི་ཡིག་ཆ་དེ་འཚོལ་ནས་ཁ་ཕྱེད།
    7. "གནས " ཟེར་བའི་མར་འགྲེམས་འདེམས་བྱང་ནང་ "དཀྱིལ་སྒྲིག " དེ་འདེམས།
    8. "ཆོག "ཟེར་བའི་མཐེབ་གཅུས་དེ་ལ་གཅིག་རྡེབ་བྱེད།

དེ་འདྲ་བྱས་དུས་ཁྱེད་རང་གིས་རྩིས་འཁོར་གྱི་ལྕོག་ངོས་དཀྱིལ་ལ་བོད་ཡིག་མཐེབ་གཞོང་གི་བཀོད་སྒྲིག་རི་མོ་དེ་མཐོང་བ།

ཨོའུ་རོན་གྱི་མཐེབ་གཞོང་བཀོད་སྒྲིག་བསྐྱར་བཟོའི་ལག་ཆ།

ཨོའུ་རོན་གྱི་བོད་ཡིག་མཐེབ་གཞོང་ནི་ད་ལྟའི་བར་དུ་བོད་ཡིག་མཐེབ་གཞོང་ཡོད་ཚད་ནང་ཡག་ཤོས་དེ་ཡིན་པ།   ཡིན་ནའང་།    གལ་སྲིད་མི་སུ་ཞིག་གིས་རང་ཉིད་ཀྱི་མཐེབ་གཞོང་བཀོད་སྒྲིག་དེ་ལས་ཡག་བར་བསམ་ན།   ཁོང་གིས་ Windows Vista ནང་རང་ཉིད་ཀྱི་བོད་ཡིག་མཐེབ་གཞོང་དེ་བཟོ་ནས་བེད་སྤྱོད་བྱེད་ཆོག་པ།  སྤྱོད་མཁན་ཚོས་ཡིན་གཅིག་མིན་གཅིག་Windows Vista ནང་ལ་ཡོད་པའི་མཐེབ་གཞོང་དེ་བེད་སྤྱོད་བྱེད་དགོས་མེད་པར།  གང་ཡིན་ཟེར་ན་ཨོའུ་རོན་གྱིས་མཐེབ་གཞོང་གསར་བཟོ་བྱེད་འདོད་པའི་སྤྱོད་མཁན་ཚོ་ལ "ཨོའུ་རོན་མཐེབ་གཞོང་བཀོད་སྒྲིག་བསྐྱར་བཟོ་ལག་ཆ " (Microsoft Keyboard Layout Creator or MSKLC) ཟེར་བའི་མཉེས་ཆས་ཡག་པོ་ཞིག་གྲ་སྒྲིག་བྱེད་ཡོད་པ།  སྤྱོད་མཁན་གྱིས་ལག་ཆ་དེས་སྔན་ན་ཡོད་པའི་མཐེབ་གཞོང་བཀོད་སྒྲིག་ཞིག་བཟོ་བཅོས་བྱེད་ཆོག་པ།   ཡང་ན་གཅིག་ཡང་མེད་པའི་ཐོག་ནས་མཐེབ་གཞོང་བཀོད་སྒྲིག་གསར་པ་གསར་ཀྱང་ཅིག་ཡང་བཟོ་ཆོག་པ།  MSKLC དེ་བེད་སྤྱོད་བྱེད་ནས་སྤྱོད་མཁན་གྱིས་རང་ཉིད་དགའ་བའི་མཐེབ་གཞོང་བཀོད་སྒྲིག་བཟོ་དུས་རྩིས་འཁོར་བྱ་རིམ་གང་ཡང་འབྲིས་མ་དགོས་ནས Windows ནང་མཐེབ་གཞོང་གསར་པ་ཇུས་འགོད་དང་སྒྲིག་འཇུག་བྱེད་ཆོག་པ།  Windows ནང་རང་ཡོད་ཀྱི་མཐེབ་གཞོང་དེ་རྗེས་པ་རྒྱག་ཆོག་པ།

ཨོའུ་རོན་མཐེབ་གཞོང་བཀོད་སྒྲིག་བསྐྱར་བཟོ་ལག་ཆ (MSKLC) དེ་ནི་ཨོའུ་རོན་གྱི་རིན་དངུལ་མ་དགོས་པའི་མཉེས་ཆས་ལག་ཆ་ཞིག་རེད། སྤྱོད་མཁན་གྱི་གཤམ་གསལ་གྱི་དྲ་བའི་སྦྲེལ་མཐུད་ནས་མཉེས་ཆས་དེ་ཕབ་ལེན་དང་སྒྲིག་འཇུག་བྱེད་ཆོག་པ།

MSKLC ཕབ་ལེན་བྱེད་ས། http://www.microsoft.com/Globaldev/tools/msklc.mspx

དཔྱད་གཞི་ཡིག་ཆ་སྐོར།

༡  The Unicode Standard Version 4.0 www.unicode.org

༢  བོད་ཡིག་གི་ཟློས་ཕྱོད་ལ་བསྡོམས་རྩིས་དང་ཞིབ་འཇུག   བཀྲ་ཤིས་ཚེ་རིང་།   ༡༩༩༧ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་ཀྱི་དེབ་གཉིས་པ།

༣  THDL Extended Wylie Transliteration Scheme, THDL, The University of Virginia

༤  Microsoft Tibetan Keyboard Design Document, By Tashi Tsering

༥  Windows Vista   http://www.microsoft.com/WindowsVista

《信息技术 藏文编码字符集键盘字母区数据区的布局》国家标准研制技术报告

༧  Font Design Document for Microsoft Tibetan font: Microsoft Himalaya, by Tashi Tsering

              

Copyright  ©  2015  yalasoo!   All rights reserved.

 

 

Tsumachu 
Betsu 
Uchen Sutung 
Drutsa 
Uchen Sarchen 
Uchen Sarchung 
Chuyig 
Uchen Suring 
Tsutong 
Tsuring